ཕྱི་ལོ་ ༢༠༢༣ ལོའི་ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ནང་ཆ་ཤས་ཇི་ལྟར་ལེན་ནམ།

གཟའ་སྤེན་པ་སྟེ་ཟླ་ ༣ ཚེས་ ༢༥ ཉིན། ནེའུ་སོཐི་ཝལ་མངའ་སྡེ་ནང་གི་འོས་ཆོས་ཚང་བའི་མི་དག་འོས་བསྡུ་ས་ཚིགས་སུ་སོང་ནས་མངའ་སྡེའི་གྲོས་ཚོགས་རྗེས་མའི་འཐུས་མི་རྣམས་འོས་འདེམས་བྱ་དགོས་ལ། འོས་ཆོས་ཚང་མཁན་ཚོས་འོས་ཤོས་ངེས་པར་དུ་འཕེན་དགོས་པ་རེད།

More than 5.4 million people are eligible to vote in NSW.

ནེའུ་སོཐི་ཝལ་མངའ་སྡེའི་ནང་མི་གྲངས་ས་ཡ་ལྔ་དང་ཕྱེད་ཀ་ཙམ་ལ་འོས་ཤོག་འཕེན་པའི་ཐོབ་ཐང་ཡོད་པ་རེད། པར་ཁུངས།: AAP / DEAN LEWINS/AAPIMAGE

གཙོ་དོན་ཁག
  • ནེའུ་སོཐི་ཝལ་མངའ་སྡེའི་ནང་། འོས་ཆོས་ཚང་མཁན་ཚོས་དབུས་གཞུང་གི་འོས་བསྡུ་དང་མངའ་སྡེ་གཞུང་གི་འོས་བསྡུ། དེ་བཞིན་ས་གནས་འོས་བསྡུའི་ནང་ངེས་པར་དུ་ཆ་ཤས་ལེན་དགོས་པ་རེད།
  • ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཁག་དབྱིན་ཡིག་སོགས་སྐད་ཡིག་གཞན་ ༢༠ ལྷག་གི་ནང་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད།
  • iVote འོས་བསྡུ་བྱེད་ཐབས་དེ་ཐེངས་འདིའི་འོས་བསྡུའི་ནང་བེད་སྤྱོད་བྱེད་ཀྱི་མེད་པ་རེད།

མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་ཌོ་མེ་ནེ་ཁུ་པེ་རོ་ཊད་ཊི་ (Dominic Perrottet) ཡིས་སྣེ་ཁྲིད་པའི་མཉམ་འབྲེལ་ཚོགས་པས་བསྟུད་མར་སྐབས་བཞི་པའི་གཞུང་འཛིན་བྱེད་པར་འོས་འགྲན་བྱེད་ཀྱི་ཡོད་པ་རེད།

སྤྱི་ཁྱབ་བློན་ཆེན་ལས་ཐོག་ཌོ་མེ་ནེ་ཁུ་པེ་རོ་ཊད་ཊི་ (Dominic Perrottet) ཡི་ཐེངས་འདིའི་འོས་བསྡུའི་སྐབས་ཀྱི་ཁ་གཏད་གཙོ་བོ་ནི་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཁི་རི་སི་མིན་སི་ (Chris Minns) ཡིན་པ་དང་། ཁོང་གིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༦ པའི་ནང་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཀྱི་ལས་འགན་འཁུར་རྗེས་འོས་འགྲན་བྱས་པ་ཐེངས་དང་པོ་ཡིན་པ་རེད།

ནེའུ་སོ་ཐི་ཝལ་མངའ་སྡེའི་གྲོས་ཚོགས་ནི་གྲོས་ཚོགས་གཉིས་ལྡན་གྱི་ལམ་ལུགས་ཅན་ཡིན་པ་དང་། དེ་ལ་གྲོས་ཚོགས་གོང་འོག་གཉིས་ཡོད་པ་རེད།

ནེའུ་སོཐི་ཝལ་མངའ་སྡེ་ལ་པ་ནས་གྲོས་ཚོགས་འོག་མའི་ནང་འོས་ཁུངས་རེ་རེ་ནས་འཐུས་མི་རེ་རེ་བདམས་ཐོན་ཡོང་གིན་ཡོད་པ་རེད།

གྲོས་ཚོགས་གོང་མའི་ནང་འཐུས་མི་གྲངས་ ༤༢ ཡོད་པ་དང་། མངའ་སྡེའི་འོས་བསྡུའི་སྐབས་རེ་རེའི་ནང་དུ་འོས་མི་གྲངས་ ༢༡ འདེམ་སྟེ། གྲོས་ཚོགས་འཐུས་མི་སྐབས་གཉིས་རིང་ལས་འཁུར་བྱེད་དགོས་པ་རེད། དེ་ནི་མང་མཐར་ལོ་ངོ་བརྒྱད་རིང་ལས་འཁུར་བྱ་དགོས་པ་རེད།

གལ་སྲིད། མི་ཞིག་གིས་འོས་བསྡུའི་ས་ཚུགས་སུ་སོང་ནས་འོས་ཤོག་འཕེན་མི་ཐུབ་པའི་གནས་ཚུལ་བྱུང་ཚེ། ཆ་ཤས་ལེན་ཆོག་སྲིད་པ་རེད།

སྦྲགས་ཁང་བརྒྱུད་ནས་འོས་ཤོག་འཕེན་པ་ལ་ཟླ་ ༣ ཚེས་ ༣༠ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༥ པ་སྔོན་ཚུད་ནས་ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ལ་སྙན་ཞུ་འབྱོར་དགོས་པ་རེད།

ཁྱེད་ཀྱི་འོས་ཤོག་དང་སྦྲགས་ཁང་བརྒྱུད་ནས་འོས་བསྡུ་བྱས་པའི་ཡིག་ཆ་ཁག དུ་ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ལ་འབྱོར་དགོས་པ་རེད།
20230213001763211103-original.jpg
ཁི་རི་སི་མིན་སི་ (Chris Minns) ཡིས་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༦ པའི་ནང་ངལ་རྩོལ་ཚོགས་པའི་འགོ་ཁྲིད་ཀྱི་ལས་འགན་འཁུར།. པར་ཁུངས།: AAP / BIANCA DE MARCHI/AAPIMAGE
ཐེངས་འདིའི་འོས་བསྡུའི་ནང་དྲ་རྒྱ་བརྒྱུད་ནས་འོས་བསྡུ་བྱེད་པའི་ iVote བེད་སྤྱོད་མི་བྱེད་པ་རེད།


ཟླ་ ༣ ཚེས་ ༢༥ ཉིན་ཏེ། འོས་བསྡུ་ཉིན་མོ།

མངའ་སྡེའི་ཁྱོན་ཡོངས་ཀྱི་ཡི་ཤུའི་ལྷ་ཁང་དང་སློབ་གྲྭ། སྤྱི་བའི་ཚོགས་ཁང་དང་ས་གནས་གཞན་གྲངས་ ༢༤༥༠ ལྷག་གི་ནང་འོས་བསྡུའི་ས་ཚུགས་གྲ་སྒྲིག་བྱས་ཡོད་པ་རེད།

འོས་བསྡུའི་ས་ཚུགས་དེ་དག་སྔ་དྲོའི་ཆུ་ཚོད་ ༨ ནས་ཕྱི་དྲོའི་ཆུ་ཚོད་ ༦ བར་དུ་སྒོ་འབྱེད་ཀྱིན་ཡོད་པ་རེད།

ས་ཚུགས་གང་དུ་འོས་འཕེན་ཐུབ་མིན་གྱི་གནས་ཚུལ་རྒྱས་པ་བརྒྱུད་ནས་ཤེས་ཐུབ།

འོས་བསྡུའི་ས་ཚུགས་སུ་འབྱོར་མ་ཐག འབྲེལ་ཡོད་ལས་བྱེད་ཞིག་གིས་ཁྱེད་ཀྱི་མིང་དང་སྡོད་གནས་ཁ་བྱང་། འོས་ཁུངས་གང་ནས་ཡིན་མིན་དང་སྔོན་ཆད་འོས་ཤོག་འཕངས་མྱོང་ཡོད་མེད་འདྲི་བ་རེད།

ཁྱེད་ཀྱི་གནས་ཚུལ་དེ་དག་གཏན་འཁེལ་བྱས་རྗེས། ཁྱེད་ལ་འོས་ཤོག་སྤྲོད་པ་རེད།

གལ་སྲིད། འབྲེལ་ཡོད་ལས་བྱེད་ཚོས་ཁྱེད་ཀྱི་གནས་ཚུལ་འོས་བསྡུའི་མིང་ཐོ་ནང་མ་རྙེད་ཚེ། ཁྱེད་ཀྱི་མིང་ཁ་སྣོན་བྱེད་དགོས་པ་རེད།
20220607001667075063-original.jpg.webp
ནེའུ་སོཐི་ཝལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལས་ཐོག་ཌོ་མེ་ནེ་ཁུ་པེ་རོ་ཊད་ཊི་ (Dominic Perrottet) ། པར་ཁུངས།: AAP / Bianca De Marchi

འོས་བསྡུའི་ནང་ངེས་པར་དུ་ཆ་ཤས་ལེན་དགོས་པ་ཡིན།

ནེའུ་སོཐི་ཝལ་མངའ་སྡེའི་ནང་། འོས་ཆོས་ཚང་མཁན་དང་དེབ་སྐྱེལ་བྱས་པའི་མི་དག་གིས་དབུས་གཞུང་གི་འོས་བསྡུ་དང་མངའ་སྡེ་གཞུང་གི་འོས་བསྡུ། དེ་བཞིན་ས་གནས་འོས་བསྡུའི་ནང་ངེས་པར་དུ་ཆ་ཤས་ལེན་དགོས་པ་ཡིན།

འོས་ཤོག་མ་འཕངས་ཚེ་ཕོགས་སྲིད་པ་རེད།


གལ་སྲིད། སྡོད་ཁྱིམ་མེད་པར་སྲམ་ལམ་དུ་གནས་མཁན་ཞིག་དང་། དབང་བོ་སྐྱོན་ཅན་ཞིག་ཡིན་པ། མངའ་སྡེ་གཞན་དང་རྒྱལ་ཁབ་གཞན་གྱི་ནང་ཡོད་ཚེ་འོས་ཤོག་འཕེན་ཐབས།

ནེའུ་སོཐི་ཝལ་མངལ་སྡེའི་ནང་དུ་ཞིག་ཡིན་ནའང་། འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་པ་རེད།

གལ་སྲིད། གོང་གི་གནས་སྟངས་འོག་ཁྱེད་ཀྱིས་འོས་ཤོག་འཕེན་མ་ཐུབ་ཚེ། ཉེས་ཆད་མི་ཕོགས་པ་རེད།

འོས་ཤོག་འཕེན་པ་ལ་རོགས་རམ་དགོས་མཁན་གྱི་ཞིག་ཡིན་ཚེ། རང་ཉིད་ཀྱི་ངོ་ཤེས་དང་ཁྱིམ་མིས་རོགས་རམ་བྱས་ཆོག་པ་དང་། ཡང་། འོས་བསྡུ་དང་འབྲེལ་ནས་རོགས་རམ་བྱེད་མཁན་གྱིས་ཀྱང་རོམས་རམ་བྱེད་པ་རེད།

གལ་སྲིད། འོས་བསྡུ་ཉིན་མོར་དངོས་སུ་འོས་བསྡུ་ས་ཚུགས་སུ་ཡོང་ནས་འོས་འཕེན་མི་ཐུབ་ཚེ། ཁྱེད་ཀྱི་འོས་ཤོག་དེ་འོས་བསྡུའི་ཉིན་གྱི་སྔོན་ནས་འོས་ཤོག་འཕེན་པ་དང་། སྦྲགས་ཁང་བརྒྱུད་ནས་འོས་ཤོག་འཕེན་པ། དེ་བཞིན་ཁ་པར་བརྒྱུད་ནས་འོས་འཕེན་ཆོག་པ་རེད།

གལ་སྲིད། ཁྱེད་རང་ལ་བརྟེན་ནས་རང་ཉིད་ཀྱི་མངའ་སྡེའི་འོས་བསྡུའི་ནང་ཆ་ཤས་ལེན་ཐུབ་ཀྱི་མེད་ཚེ།འམ་སྦྲགས་ཁང་བརྒྱུད་ནས་འཕེན་ཆོག་པ་རེད།

ནེའུ་སོཐི་ཝལ་མངའ་སྡེའི་ནང་འོས་བསྡུའི་དེབ་སྐྱེལ་བྱས་པའི་མི་ཞིག་འོས་བསྡུའི་སྐབས་སུ་ཚེ། སྦྲགས་ཁང་བརྒྱུད་ནས་འོས་འཕེན་དགོས་པ་རེད།


འོས་བསྡུ་དང་འབྲེལ་བའི་གནས་ཚུལ་ཁག་སྐད་ཡིག་སྣ་མང་ནང་འགྲེམ་སྤེལ་བྱེད་ཀྱི་ཡོད་པ་རེད།

ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ཀྱིས་ཇི་ལྟར་འོས་བསྡུའི་དེབ་སྐྱེལ་བྱེད་པ་དང་འོས་ཤོག་འཕེན་པ། དེ་བཞིན་འོས་གཞི་རྣམས་ཀྱི་སྐོར་ལ་འགྲེལ་སྤེལ་བྱེད་ཀྱི་ཡོད་པ་རེད།

འོས་ཤོག་འཕེན་སྐབས་འོས་བསྡུའི་ལས་བྱེད་ཚོས་རང་ཉིད་ཀྱི་སྒྲིག་ཆས་ཀྱི་ཐོག་ཏུ་སྐད་ཡིག་སོ་སོའི་མིང་བྲིས་ནས་སྐད་ཡིག་དེའི་ནང་འོས་བསྡུའི་གནས་ཚུལ་ཁག་འགྲེམ་སྤེལ་བྱེད་པ་རེད།

གལ་སྲིད། ཁྱེད་ཀྱི་སྐད་ཡིག་དེའི་ནང་ཚུད་མེད་ཚེ། འོས་བསྡུ་ལས་ཁུངས་ཀྱིས་ཁ་པར་བརྒྱུད་ནས་རིན་མེད་ཀྱི་ཐོག་ནས་སྐད་བསྒྱུར་བའི་མཐུན་རྐྱེན་སྐྲུན་གྱི་ཡོད་པ་རེད།

གལ་སྲིད། འོས་བསྡུ་ས་ཚུགས་ཤིག་ལ་ཡིག་བསྒྱུར་དང་སྐད་བསྒྱུར་གྱི་མཐུན་རྐྱེན་འཕར་མ་དགོས་གལ་བྱུང་ཚེ། འབྲེལ་ཡོད་ལས་བྱེད་ཀྱིས་རྒྱལ་ཡོངས་ཀྱི་སྐད་བསྒྱུར་ལས་ཁུངས་ལ་འབྲེལ་མཐུད་བྱེད་པ་རེད།

ནེའུ་སོཐི་ཝལ་མངའ་སྡེའི་འོས་བསྡུ་ལས་ཁུངས་ཀྱིས་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྫུན་མའི་ཉེན་ཁ་ཆུང་དུ་གཏོང་ཐབས་སུ་སྤྱི་ཚོགས་ནང་གི་བཟོས་ཡོད་པ་རེད།

འོས་ཤོག་ཇི་ལྟར་འཕེན་དགོས་སྐོར་གྱི་གནས་ཚུལ་རྒྱས་པ་ཤེས་འདོད་ཚེ། དྲ་རྒྱ་ འདི་ནས་གཟིགས་རོགས། དེ་མིན། ཨང་གྲངས་ 1300 135 736 ཐོག་ལ་ཁ་པར་གཏོང་རོགས།

Share
Published 10 March 2023 5:08pm
Updated 10 March 2023 5:26pm
By Nikki Alfonso-Gregorio
Presented by Lugoen Thar
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service