སིཌ་ནིང་ནུབ་ཕྱོགས་ཁུལ་དུ་འབྲུམ་ནད་ Measles ཀྱི་ཉེན་བརྡ་བཏང་འདུག

ཉེ་ཆར་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་སིཌ་ནིང་གི་ནུབ་ཕྱོགས་ཁུལ་དུ་གནས་སྡོད་བྱེད་མཁན་ཞིག་ལ་དབྱིན་སྐད་ནང་ Measles དང་བོད་སྐད་ནང་འབྲུམ་ནད་འགོས་ཡོད་པ་ཤེས་རྟོགས་བྱུང་རྗེས། ཨོ་སི་ཁྲུ་ལི་ཡ་འཕྲོད་བསྟེན་ལྷན་ཁང་ནས་སིཌ་ནིང་ནུབ་ཕྱོགས་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་ལ་འགོས་ནད་དེའི་ཐད་ཡིད་གཟབ་བྱེད་དགོས་པའི་ཉེན་བརྡ་བཏང་འདུག

3 measles cases in NSW

Three NSW measles cases in under a week Source: SBS

ནད་ཡམས་འགོས་ཡོད་པའི་མི་དེ་ Vietnam ཝི་ཏི་ནམ་ནས་ཨོ་སི་ཁྲུ་ལི་ཡར་ཕྱིར་ལོག་བྱས་ཡོད་འདུག་པ་དང་། ཐོག་མར་གནམ་གྲུར་བསྡད་སྐབས་ན་ཚ་དེ་ཕོག་ཡོད་པའི་ནད་རྟགས་གང་ཡང་མེད་པ་རེད་འདུག

གཤམ་གསལ་ཁ་བྱང་འཁོད་པའི་གནས་དེར་མི་སུ་ཞིག་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠ ནས་ ༡༡ དང་སྐར་མ་ ༡༥ བར་སྨན་ཁང་དེར་འགྲོ་བསྐྱོད་བྱས་ཡོད་ཚེ་ན་ཚ་དེ་ཕོག་ཡོད་མེད་བརྟག་དཔྱད་དོ་སྣང་བྱེད་དགོས་སྐོར་ཨོ་སི་ཁྲུ་ལི་ཡ་འཕྲོད་བསྟེན་ལྷན་ཁང་ནས་གསལ་བསྒྲགས་སྤེལ་འདུག

Family Doctors Berala (co-located with Berala Pharmacy and 4Cyte Pathology) - 174B Woodburn Road, Berala, on Saturday 18 January from 10am to 11:15am.

སིཌ་ནིང་ལྷོ་ནུབ་ས་གནས་མི་མང་འཕྲོད་བསྟེན་ལྷན་ཁང་གི་སྨན་པ་ Dr Mitchell Smith མེ་ཤལ་སི་མི་ཐི་ལགས་ཀྱིས་ས་གནས་འདིར་ནས་ན་ཚ་དེ་ཁྱབ་བརྡལ་གྱི་ཉེན་ཁ་མེད་ཀྱང་། མི་སུ་ཞིག་གོང་འཁོད་ས་གནས་དེར་དུས་ཚོད་ཏག་ཏག་དེའི་ཐོག་འགྲོ་བསྐྱོད་བྱས་ཡོད་ཚེ་ནད་རྟགས་ཐོན་བཞིན་ཡོད་མེད་དོ་སྣང་བྱ་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག

འགོད་ནད་དེའི་ནད་རྟགས་ནི། ཚ་བ་རྒྱས་པ་དང་། མིག་ཟ་ཕྲུག་ལངས་བ། སྣ་ཆུ་འཛག་པ། གློ་ལུ་བ་སོགས་བྱེད་ཀྱི་ཡོད་འདུག་པ་དང་། ནད་རྟགས་དེ་འདྲ་ཐོན་རྗེས་ཉིན་གསུམ་བཞིའི་ནང་མགོ་དང་གདོང་པར་འབྲུམ་བུ་དམར་པོ་ཆུང་ཆུང་ཐོན་ནས་རིམ་བཞིན་ལུས་ཀྱི་ཆ་ཤས་གཞན་ལ་ཁྱབ་འགྲོ་བའི་འགོས་ནད་ཅིག་རེད་ཅེས་སྨན་པ་སི་མི་ཐི་ཡིས་འགྲེལ་བརྗོད་གནང་འདུག

ཡང་ཁོང་གིས་ནད་རྟགས་དེ་ཐོན་པར་དུས་ཡུན་ཉིན་གྲངས་ ༡༨ ཙམ་འགོར་སྲིད་པས་དུས་ཚོད་དེའི་ནང་ས་གནས་དེར་ཕེབས་མི་ཚང་མས་ཕྱི་ཟླ་ ༢ ཚེས་ ༥ བར་རང་ཉིད་ལ་ནད་རྟགས་དེ་འདྲ་ཐོན་བཞིན་ཡོད་མེད་ཡིད་གཟབ་གནང་རོགས། གལ་སྲིད་ཁྱེད་ལ་ནད་རྟགས་དེ་འདྲ་ཐོན་ཚེ་སྨན་པར་བསྟེན་གཏུགས་ཆེད་མ་ཕེབས་གོང་སྨན་ཁང་ལ་ཁ་པར་གནང་རོགས།

དེ་བཞིན་ང་ཚོས་སྤྱི་ཚོགས་སྨན་ཁང་ཁག་ལ་ཁོང་ཚོར་རིམས་ནད་འགོག་ཁབ་དུས་ལྟར་བརྒྱབ་ཡོད་མེད་བརྟག་དཔྱད་དགོས་པར་དྲན་སྐུལ་བྱེད་བཞིན་ཡོད། མི་ཚང་མས་རང་ཉིད་ལ་འགོས་ཉེན་ཆེ་བའི་འབྲུམ་ནད་འགོག་སྲུང་ཡོད་མེད་བརྟག་དཔྱད་བྱེད་དགོས་ཞེས་གསུངས་འདུག 

འཕྲོད་བསྟེན་ལྷན་ཁང་གིས། ༡༩༦༥ རྗེས་སུ་སྐྱེས་པའི་མི་ཚང་མར་ཚད་རིམས་ཀྱི་རིམས་འགོག་སྨན་ཁབ་གཉིས་བརྒྱབ་ཡོད་མེད་ལ་བརྟག་དཔྱད་བྱེད་དགོས། ཕྱི་རྒྱལ་དུ་འགྲོ་མ་ཐག་འདི་ནི་དམིགས་བསལ་གྱི་གལ་ཆེན་པོ་རེད། ད་ལྟའི་ཆར་འཛམ་གླིང་གི་ས་ཁུལ་ཁ་ཤས་སུ་འབྲུམ་ཚད་ཀྱི་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད་ཅེས་གསུངས་འདུག 

འབྲུམ་ནད་ཀྱི་སྨན་ཁབ་དེ་བདེ་འཇགས་དང་ནུས་པ་ལྡན་པ་ཞིག་ཡིན། ཟླ་བ་ ༡༢ དང་ ༡༨ ལ་སླེབས་པའི་ཕྲུ་གུ་ཚོར་འགོག་ཁབ་རིན་མེད་དུ་རྒྱག་གི་ཡོད། ཨོ་སི་ཁྲུ་ལི་ཡའི་ནིའུ་སའོ་ཐི་ཝལ་མངའ་སྡེ་ NSW ནང་ ༡༩༦༥ རྗེས་སུ་སྐྱེས་པའི་མི་ཚང་མར་སྨན་ཁབ་གཉིས་མ་ཐོབ་པར་རྣམས་ལ་རིན་མེད་ཡིན།

ཟླ་བ་ ༡༢ ཡན་གྱི་ཕྲུ་གུ་ཚོ་གལ་སྲིད་ཁོང་ཚོ་འབྲུམ་ཚད་ཀྱི་ཉེན་ཁ་ཆེ་བའི་ས་ཁུལ་ལ་འགྲོ་བཞིན་ཡོད་ན། ཕ་མ་ཚོས་རང་ཉིད་ཀྱི་སྨན་པ་ GP ལ་བཀའ་འདྲི་ལམ་སྟོན་ཞུ་དགོས། 

མི་སུ་ཞིག་གིས་རང་ཉིད་ལ་སྨན་ཁབ་ཐེངས་གཉིས་བརྒྱབ་ཡོད་མེད་གསལ་པོ་ཤེས་རྟོགས་མེད་ན་སྨན་ཁབ་དེ་ཁ་སྣོན་བྱེད་པར་ཉེན་ཁ་གང་ཡང་མེད། དེ་ནི་དམིགས་བསལ་འགྲུལ་བཞུད་མ་བྱས་པའི་སྔོན་ལ་གལ་ཆེན་པོ་ཆགས་ཀྱི་ཡོད། MMR སྨན་ཁབ་དེ་སྨན་པ་ GP ནས་ལོ་ཚད་ཚང་མ་དང་ Pharmacies སྨན་རྫས་ཚོང་ཁང་ཁག་ནས་ལོ་ན་ ༥ ཡན་གྱི་མི་རྣམས་ལ་འགོག་ཁབ་དེ་རག་གི་ཡོད་པ་རེད།

འབྲུམ་ནད་ཟེར་བ་གང་ཡིན་ནམ།

འབྲུམ་ནད་ནི་འགོས་ཉེས་ཆེ་བའི་ནད་དུག་ཅིག་ཡིན་ཞིང་། འཛམ་གླིང་གི་ས་ཁུལ་ཁ་ཤས་སུ་ལོ་ ༥ མན་གྱི་བྱིས་པ་ཤི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཆགས་ཀྱི་ཡོད།

སྔོན་ཆད་ཨོ་སི་ཁྲུ་ལི་ཡའི་ནང་བྱིས་པའི་དུས་སུ་འབྲུམ་ཚད་ཀྱི་ནད་གཞི་ཕོག་མཁན་ཧ་ཅང་མང་པོ་ཡོད། ༡༩༦༦ ལོའི་སྔོན་ལ་སྐྱེས་པའི་མི་ཕལ་ཆེ་བ་བྱིས་པའི་དུས་སུ་འབྲུམ་ནད་ཕོག་ཡོད་པ་དང་། སྨན་ཁབ་བརྒྱབ་རྗེས་ད་ལྟ་ཨོ་སི་ཁྲུ་ལི་ཡའི་ནང་འབྲུམ་ནད་དཀོན་པོ་ཆགས་ཡོད།

ཡིན་ནའང་འཛམ་གླིང་གི་ས་ཁུལ་མང་པོར་འབྲུམ་ནད་དེ་ད་དུང་ཡང་ཁྱབ་ཆེ་བ་དང་རྒྱལ་ཁབ་ཁ་ཤས་སུ་ནད་ཡམས་དེ་མུ་མཐུད་དུ་གནས་ཡོད། ཕྱི་རྒྱལ་དུ་འགྲོ་བའམ་ཡང་ན་ཨོ་སི་ཁྲུ་ལི་ཡར་ཡོང་མཁན་གྱི་མི་ཚོས་ནད་གཞི་དེ་ཁོང་ཚོ་དང་མཉམ་དུ་འཁྱེར་ཡོང་གི་ཡོད་པའི་རྐྱེན་གྱིས་སྤྱི་ཚོགས་ནང་འབྲུམ་ཚད་ཀྱི་ནད་ཡམས་ཁྱབ་གདལ་འགྲོ་བཞིན་ཡོད། རང་ཉིད་དང་སྤྱི་ཚོགས་སྲུང་སྐྱོབ་བྱེད་པར་ འབྲུམ་ནད་ཀྱི་སྨན་ཁབ་བརྒྱབ་དགོས་པ་དེ་གལ་ཆེན་པོ་ཆགས་ཡོད།

༡༩༦༦ ལོའི་སྐབས་དང་དེའི་རྗེས་སུ་སྐྱེས་པའི་མི་ཚང་མར་འབྲུམ་ནད་ཀྱི་སྨན་ཁབ་གཉིས་བརྒྱབ་ཡོད་མེད་ལ་ལྟ་ཞིབ་བྱེད་རྒྱུ་གལ་ཆེན་པོ་རེད། 

དབྱིན་སྐད་ནང་ Measles ཞེས་པའི་ན་ཚ་འདིར་བོད་སྐད་ནང་འབྲུམ་ནད་དང་། ཡང་ཁག་ཅིག་གིས་མཆིན་ནད། སིབ་བི་ཞེས་འབོད་སྲོལ་སྣ་ཚོགས་ཡོད་པ་རེད་འདུག

Share
Published 23 January 2025 10:04pm
Updated 23 January 2025 10:10pm
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service