ང་ཚོས་ཆུ་གཙང་མ་བཟོས་ཟིན་པ་འཐུང་ཆོག་གམ།

ལོ་ངོ་༥༠ ལྷག་གི་རིང་ལ་འཛམ་གླིང་གི་གྲོང་ཁྱེར་ཁག་ཅིག་སྟེ། ཨ་རིའི་ལོ་སི་ཨེན་ཇེ་ལི་སི་ནས་སི་པེན་གྱི་པ་སི་ལོ་ནཱ་དང་ལྷོ་ཨ་ཕི་རི་ཀའི་ཁེབ་ཊའུན་བར་དུ་ཆུ་གཙང་བཟོ་བྱས་ནས་བཏུང་བཞིན་ཡོད། འོན་ཀྱང་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་ཁག་ཅིག་གིས་ཉེན་ཁ་དེ་ལེན་མྱོང་མེད། འོན་ཀྱང་གནམ་གཤིས་འགྱུར་ལྡོག་དང་མི་འབོར་འཕར་བཞིན་པས་ཆུའི་ཐོན་ཁུངས་ལ་གནོན་ཤུགས་ཐེབས་བཞིན་པའི་སྐབས་འདིར། མཁས་པ་ཚོས་དེ་ནི་མ་འོངས་པའི་ཐབས་ལམ་ཞིག་ཡིན་སྲིད་ཅེས་བརྗོད་ཀྱི་ཡོད་པ་རེད།

Cold drink water being poured into glass

Credit: Level1studio/Getty Images

ཆུའི་དཀའ་ངལ་ཆེན་པོ་ཡོད་པའི་མཚོ་གླིང་རྒྱལ་ཁབ་ཆུང་ཆུང་ཞིག་རེད།
མི་འབོར་མཐུག་པོ་ཆགས་པའི་སིང་ག་པོར་ལ་རང་བྱུང་ཆུའི་ཐོན་ཁུངས་ཉུང་ཉུང་ལས་མེད་པ་དང་། ཆུ་མཛོད་ཀྱི་ཆེད་དུ་ས་ཆ་ཚད་ཡོད་པ་ཞིག་ལས་མེད་པས། དེ་ནི་འཛམ་གླིང་ནང་ཆུ་གནོན་ཤུགས་ཆེ་ཤོས་ཀྱི་ས་ཁུལ་གཅིག་རེད།
འོན་ཀྱང་རྒྱལ་ཁབ་དེ་ནི་དྭངས་སྦྱོར་གྱི་ཆུ་གཙང་མ་བསྐྱར་བེད་སྤྱོད་བྱེད་པའི་འཛམ་གླིང་གི་སྣེ་ཁྲིད་མཁན་ཞིག་ཡིན་པ་དང་། དེ་ནི་བཙོག་ཆུ་རྣམས་བདེ་འཇགས་དང་གཙང་མའི་འཐུང་ཆུར་བསྒྱུར་བ་དེ་རེད།
སིཌ་ནི་གཙུག་ལག་སློབ་གྲྭ་ཆེན་མོའི་ཨར་ལས་འཆར་འགོད་ཚན་པའི་འགན་འཛིན་སློབ་དཔོན་སི་ཊུ་ཨར་ཊི་ཁན་གྱིས་འགྲེལ་བརྗོད་བྱས།

བསྐྱར་བཟོ་བྱས་པའི་ཆུ་གཙང་མ་ནི་གད་སྙིགས་གཙང་སེལ་ཁང་ནས་ཆུ་ལེན་པ་དང་། གཞན་དུ་ཁོར་ཡུག་ལ་གཏོང་རྒྱུའི་བཙོག་ཆུ་གཙང་མ་བཟོས་པ་རེད། ཡིན་ནའང་། ཁོར་ཡུག་ལ་གཏོང་རྒྱུའི་ཚབ་ཏུ། ང་ཚོས་དེ་ནི་ཆུ་གཙང་སེལ་ཁང་ཡར་ཐོན་ཅན་བརྒྱུད་ནས་བླངས་ཏེ། དེ་ནི་ཆུ་ཧ་ཅང་གཙང་མ་བཟོས་ནས་བཏུང་ཆུའི་ནང་བླུགས་ན་བདེ་འཇགས་དང་ཡིད་ཆེས་འཕེར་བ་བཟོས་པ་རེད།”


སིང་གྷ་ཕོར་མི་དམངས་ཀྱིས་ཡུན་རིང་ནས་ངོས་ལེན་བྱས་པའི་ལམ་ལུགས་ཤིག་རེད།
རྒྱལ་ཁབ་དེས་བཙོག་ཆུ་གཙང་མ་བཟོས་ནས་ཆང་བཟོས་ཡོད།
སློབ་དཔོན་ཆེན་མོ་ཁཱན་གྱིས་ལམ་ལྷོང་དེ་ནི་གཙོ་བོ་ཡག་པོ་བྱས་པའི་གནས་ཚུལ་ལས་འགུལ་གྱི་འབྲས་བུ་རེད་ཅེས་བཤད་ཡོད།

སིང་གྷ་པོར་གྱིས་སྤྱི་ཚོགས་སློབ་གསོའི་ཆ་ཤས་དེ་ཧ་ཅང་གལ་ཆེན་དུ་བརྩིས་ནས། ལོ་ངོ་༢༠ ལྷག་གི་སྔོན་དུ་སྟེ་༢༠༠༣ ལོར་ཆུ་སླར་གསོའི་ལས་གཞི་དང་པོའི་སྐབས་སུ་ལྟ་སྐོར་བའི་ལྟེ་གནས་ཤིག་བརྒྱབ་ཡོད། ཁོང་ཚོའི་འཆར་གཞི་ནི་སིང་གྷ་པོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚང་མ་ཆུ་སླར་གསོའི་སྐོར་སློབ་སྦྱོང་བྱེད་པ་དང་། སིང་གྷ་པོར་དུ་རྒྱུན་བརྟན་རུང་བའི་ཆུ་བེད་སྤྱོད་གཏོང་དགོས་པའི་སྐོར་སློབ་སྦྱོང་བྱེད་པའི་ཆེད་དུ་ལྟ་སྐོར་བའི་ལྟེ་གནས་དེ་བརྒྱུད་ནས་འཁྲིད་རྒྱུ་དེ་རེད།
ད་ལྟ་སིཌ་ནི་ནང་དུ་ཆུ་གཙང་སེལ་རུང་བའི་བེད་སྤྱོད་གཏོང་རྒྱུའི་གནས་བབ་སྐོར་མང་ཚོགས་ལ་སློབ་གསོ་སྤྲོད་པའི་འབད་བརྩོན་བྱེད་བཞིན་ཡོད།

འཛམ་གླིང་ཡོངས་ཀྱི་གྲོང་ཁྱེར་དག་དང་ལྷག་པར་དུ་ཨོ་སི་ཊོ་ལི་ཡའི་ནང་དུ་མི་འབོར་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག་གིས་ཆུའི་མཁོ་སྤྲོད་ལ་གནོན་ཤུགས་ཆེ་རུ་གཏོང་བཞིན་ཡོད།
སིཌ་ནི་ལ་མཁོ་སྤྲོད་ཀྱི་བརྒྱ་ཆ་༨༥ ཙམ་ཆར་ཆུ་ལ་བརྟེན་དགོས་པ་དང་། བརྒྱ་ཆ་༡༥ ཙམ་ཚྭ་ཆུ་ལས་གཙང་མ་བཟོས་པ་ལ་བརྟེན་དགོས།
སིཌ་ནི་ཆུའི་ལས་འཆར་འགན་འཛིན་ཇེམ་སི་ཧེ་རིང་ཊོན་ལགས་ཀྱིས་ཐེངས་འདིའི་༢༠༡༧ ནས་༢༠༢༠ བར་གྱི་ཐན་པའི་སྐབས་སུ་ཆུ་རགས་ཀྱི་ཆུ་ཚད་ལྔ་བཅུ་ཆག་ཡོད་ཅེས་བརྗོད་ཡོད།

ང་ཚོས་ཆུ་མཛོད་ཉམས་ཆག་ཆེན་པོ་འགྲོ་བཞིན་པའི་སྐབས་འདིར་ཆུ་མཁོ་སྤྲོད་ཀྱི་མ་འོངས་པ་གང་འདྲ་ཡོང་མིན་ལ་བསམ་བློ་གཏོང་དགོས་པའི་དུས་ལ་བབས་ཡོད། དེར་བརྟེན་ང་ཚོས་ཆུ་མཁོ་སྤྲོད་ལ་རྒྱབ་སྐྱོར་ཇི་ལྟར་བྱེད་དགོས་མིན་མ་འོངས་པར་བསམ་བློ་གཏོང་དགོས།

མ་འོངས་པའི་ཐབས་ལམ་སྲིད་པ་ཞིག་ནི་ཆུ་གཙང་མ་བསྐྱར་བེད་སྤྱོད་བྱེད་རྒྱུ་དེ་ཡིན།

བརྒྱུད་རིམ་དེ་སིཌ་ནི་ནུབ་བྱང་ཁུལ་གྱི་ཁུའུ་ཁར་སི་ཧིལ་གྱི་ཆུ་སྙིགས་བཟོ་གྲྭ་རུ་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། མི་མང་ལ་ལྟ་སྐོར་དུ་ཡོང་བར་མགྲོན་འབོད་བྱེད་བཞིན་ཡོད།

ཇེམ་སི་ཧེ་རིང་ཊོན་གྱིས་ཆུ་གཙང་མ་བསྐྱར་བེད་སྤྱོད་ཀྱི་གསར་རྙེད་ལྟེ་གནས་དེ་ ༢༠༢༣ ལོའི་ལོ་མཇུག་ཏུ་སྒོ་ཕྱེས་པ་དང་དེར་དམིགས་ཡུལ་གཙོ་བོ་གསུམ་ཡོད་པ་སྟེ།
དང་པོ། འཕྲུལ་རིག་ཚོད་ལྟ་བྱེད་པ་དང་ང་ཚོའི་གནས་སྟངས་ནང་དུ་ལས་ཀ་ཇི་ཙམ་ཡག་པོ་བྱེད་མིན་ར་སྤྲོད་བྱེད་ཆེད་ཡིན། གཉིས་པ། འབྲེལ་ཡོད་དང་། སྤྱི་ཚོགས། མཁོ་མཁན་བཅས་ནང་དུ་ཡོང་ནས་འཕྲུལ་རིག་གང་ཡིན་ཤེས་རྟོགས་བྱེད་ཆེད་ཡིན། མཐའ་མ་དེར། ང་ཚོའི་ལས་དོན་ཚན་ཁག་ལ་ཚོད་ལྟའི་སྡེ་ཚན་ཐོག་སྦྱོང་བརྡར་དང་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་ཆེད་ཡིན། ང་ཚོ་འདིར་མི་དམངས་ཡོང་ནས་འཕྲུལ་རིག་གང་ཡིན་དང་། དེའི་ཆེད་དུ་ཆུ་གཙང་མ་དང་ཡིད་ཆེས་འཕེར་བ་ཡོང་བའི་ལས་ཀ་ཚང་མའི་སྐོར་ལ་གླེང་མོལ་བྱེད་རྒྱུར་དགའ་པོ་ཡོད།

ཆུའི་བདེ་འཇགས་ནི་འཛམ་གླིང་ཡོངས་ཀྱི་དཀའ་ངལ་ཞིག་ཡིན་པས། གྲོང་ཁྱེར་༦༠ ཙམ་གྱིས་ཆུ་སྙིགས་བསྐྱར་བེད་སྤྱོད་བྱེད་པའི་བསམ་བློ་གསར་གཏོད་བྱེད་བཞིན་ཡོད་པ་དང་། ཕལ་ཆེར་ལས་གཞི་དེ་ལག་བསྟར་བྱས་ཟིན་པའི་གྲོང་ཁྱེར་ཁག་གི་ཁ་གྲངས་སུམ་ཅུ་སོ་གྲངས་ཡོད་པ་དེར་སྣོན་རྒྱུ་རེད། པེར་ཐི་ནི་དེའི་ཁྲོད་ཀྱི་གཅིག་རེད།
སིཌ་ནི་དང་མི་འདྲ་བར་ནུབ་ཨོ་སི་ཊེ་ལི་ཡའི་རྒྱལ་ས་འདིར་ཆུ་མཛོད་ཆེན་པོ་མང་པོར་སྤྱོད་རྒྱུ་མེད་པར། དེའི་ཚབ་ཏུ་ས་འོག་གི་ཆུ་ལ་བརྟེན་གྱི་ཡོད་པ་དང་། ཁཱན་གྱིས་འདས་པའི་ལོ་ངོ་སུམ་ཅུའི་རིང་དེ་ཉུང་དུ་ཕྱིན་ཡོད་ཟེར།

ནུབ་ཕྱོགས་མངའ་སྡེ་ནི་ངེས་པར་དུ་དགོས་མཁོ་ལ་བརྟེན་ནས་སྣཁྲིད་བྱས་པ་ཞིག་ཡིན་པས་རེད། དེར་བརྟེན། པར་ཐི་མི་དམངས་ཀྱིས་གནམ་གཤིས་འགྱུར་ལྡོག་གིས་ཁོང་ཚོའི་ཆུའི་བདེ་འཇགས་མངོན་གསལ་དོད་པོས་ཤུགས་རྐྱེན་ཐེབས་ཡོད་པ་ངོས་འཛིན་བྱས་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད། པར་ཐིས་དུས་ཡུན་རིང་པོ་ཞིག་གི་ནང་དུ་ཁོང་ཚོས་ས་འོག་ཆུ་གསོག་འཇོག་གི་ལས་གཞི་ཞེས་འབོད་པའི་ལས་གཞི་ཞིག་གསར་གཏོད་བྱས་ཡོད། [དེའི་ནང་དུ་] ཆུ་སྙིགས་བཙོག་སེལ་ས་ཚིགས་ནས་ཆུ་ལེན་པ་དང་། ཆུ་ལྡོག་འཐེན་དང་། ཨུལ་ཊ་ནུབ་འོད་ཀྱི་དུག་སེལ་སོགས་ཆུ་གཙང་སེལ་གྱི་བརྒྱུད་རིམ་མཐོ་པོ་བརྒྱུད་ནས་ཆུ་གཙང་མ་བཟོས་རྗེས་ས་འོག་གི་ཆུ་གསོག་ཁང་གལ་ཆེན་དེ་དག་གི་ནང་དུ་ཆུ་སླར་ཡང་བླུཔ་རེད། ད་ཆ་ས་འོག་གི་ཆུ་གསོག་ཁང་དེ་དག་གི་ནང་དུ་རང་བྱུང་དུ་ཡོད་པའི་ཆུའི་ཆ་ཤས་ཤིག་དང་། དེ་བཞིན་གཙང་མར་བཟོས་པའི་བསྐྱར་བེད་ཆུ་ཡོད། དེ་ནི་མ་འོངས་པར་ཁོང་ཚོའི་འཐུང་ཆུའི་མཁོ་སྤྲོད་ཆགས་ཀྱི་ཡོད།

Share
Published 5 January 2025 7:14am
Updated 5 January 2025 7:21am
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service