སྐྱེ་དངོས་འཚོལ་ཞིབ་ངོས་འཛིན་ BioBlitz བྱེད་སྒོ་ལ་མཉམ་ཞུགས་ཀྱིས་ཚན་རིག་ལ་རོགས་རམ་བྱེད་སྟངས།

ཨོ་སི་ཊོ་ལི་ཡའི་ནི་ཡངས་ཤིང་རྒྱ་ཆེ་བའི་བྱེ་ཐང་དང་། རི་ཀླུང་། གངས་རི། ནག་རི་སོགས་སྐྱེ་ཁམས་མ་ལག་སྣ་ཚོགས་འཛོམས་ཡོད་པའི་ལུང་པ་ཞིག་རེད། སྐྱེ་དངོས་ཕུན་སུམ་ཚོགས་པའི་ལུང་པ་འདིར་རྩི་ཤིང་དང་། སྲོག་ཆགས། སྐྱེས་དངོས་ཕྲ་རབ་སོགས་སྣ་ཚོགས་ལས་གྲུབ་ཡོད།

What is a BioBlitz and how you can be involved to help science.jpg
ས་ཆ་བྱེ་བྲག་པ་ཞིག་གི་ནང་སྐྱེས་དངོས་མི་འདྲ་བར་ང་ཚོས་བརྟག་དཔྱད་བྱས་ཚེ། དེས་ང་ཚོས་ཁོར་ཡུག་དེར་ཤེས་རྟོགས་སྔར་ལྷག་ཡོང་རྒྱུ་མ་ཟད། ང་ཚོས་ཁོར་ཡུག་དེར་བདག་གཅེས་གང་འདྲ་བྱེད་དགོས་མིན་ཤེས་རྟོགས་ཡག་པོ་ཡོང་གི་ཡོད།

མ་ཚད་བྱེད་སྒོ་འདིས་སེམས་ཅན་དང་སྐྱེ་དངོས་མང་པོ་ཞིག་ཀྱང་གསར་རྙེད་བྱེད་པར་གོ་སྐབས་ཆེན་པོ་ཡོད། 

མི་ཚང་མ་ BioBlitz (ནི་དུས་ཐུང་ཞིག་གི་ནང་ས་ཆ་བྱེ་བྲག་པ་ཞིག་ལ་སྐྱེས་དངོས་བྱེ་བྲག་པ་མང་པོ་ཞིག་འཚོལ་ཞིབ་དང་ངོས་འཛིན་བྱེད་པའི་བྱེད་སྒོ་ལ་མཉམ་ཞུགས་བྱེད་པར་གོ་) ཞེས་པའི་བྱེད་སྒོ་འདིའི་ནང་མཉམ་ཞུགས་བྱེད་ཆོག་ཅིང་བྱེད་སྒོ་དེའི་སྐབས་ས་གནས་དེའི་ནང་སེམས་ཅན་དང་སྐྱེས་དངོས་མང་པོ་ཞིག་འཚོལ་ཞིབ་དང་ངོས་འཛིན་བྱེད་པའི་གོ་སྐབས་ཡོད།

ཚན་རིག་པས་ས་གནས་ས་ཐོག་ཏུ་ཞིབ་འཇུག་དང་བརྟག་དཔྱད་བྱས་ཏེ་དམིགས་བསལ་གྱི་ས་ཁུལ་དེའི་ནང་རྩི་ཤིང་དང་སྲོག་ཆགས་གང་དག་གནས་ཡོད་པ་ཤེས་རྟོགས་བྱེད་ཀྱི་ཡོད། འོན་ཀྱང་ཨོ་སི་ཊོ་ལི་ཡའི་ས་ཁོངས་རྒྱ་ཆེ་བས་སྤྱི་དམངས་ཀྱི་ཚན་རིག་ཟེར་བའི་གོ་རིམ་ཞིག་བརྒྱུད་དེ་མི་མང་ཚོས་དང་བླངས་ཐོག་ནས་ཚན་རིག་ཆ་འཕྲིན་དང་ཡིག་ཆ་འཚོལ་བསྡུ་དང་སྐྱེས་དངོས་སེམས་ཅན་ངོས་འཛིན་རོགས་བྱས་ཏེ་ཚན་རིག་པ་དང་ཞིབ་འཇུག་བྱེད་མཁན་ལ་རྒྱབ་སྐྱོར་བྱེད་པའི་གོ་སྐབས་ཡོད།

སྤྱི་དམངས་ཀྱི་ཚན་རིག་ལས་འཆར་དེས་ཚན་རིག་གི་ཤེས་བྱ་གོང་མཐོར་གཏོང་བར་ཕན་ཐོགས་དང་། དེས་ང་ཚོའི་ཁོར་ཡུག་ལ་ཤེས་རྟོགས་སྔར་ལྷག་ཡོང་ཐབས་དང་ཁོར་ཡུག་སྲུང་སྐྱོབ་ཇེ་ལེགས་སུ་གཏོང་ཐབས་བཅས་ཀྱི་ཆེད་དུ་དམིགས་ཡོད། 

Bioblitz ནི་སྤྱི་དམངས་ཀྱི་ཚན་རིག་བྱེ་སྒོ་ཞིག་ཡིན་ཞིང་། མི་མང་གི་ཚོགས་མི་དེ་དག་ཚན་རིག་པ་རྣམས་དང་ལྷན་དུ་ས་གནས་ཤིག་གི་རྩི་ཤིང་དང་སྲོག་ཆགས་མང་པོ་ཞིག་ངོས་འཛིན་འཚོལ་ཞིབ་ཀྱིས་ཟིན་ཐོ་བཀོད་པའི་དུས་ཚོད་ཅིག་རེད།

ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་མངའ་སྡེ་ནང་གནས་སྡོད་བྱེད་མཁན་ཕྱུག་རིགས་སྨན་པ་ཌེ་ཝེ་ཌི་ David Edmonds ལགས་ཀྱིས་ས་གནས་ཝལ་ཕོ་ལི་ Walpole ཁུལ་དུ་ Bioblitz བྱེད་སྒོ་སྐོར་འབྲེལ་མཐུད་བྱེད་ཀྱི་ལས་དོན་བྱེད་བཞིན་ཡོད། 

ཁོང་གིས་ཝིལ་ཕོ་ལི་ Walpole wilderness ས་ཁུལ་དེ་ནི་ཨོ་སི་ཊོ་ལི་ཡའི་ནུབ་ཕྱོགས་ས་ཁུལ་དུ་ཆེས་རླན་བཤེར་ཆེ་བའི་ས་ཁུལ་ཞིག་རེད། ས་ཁུལ་འདིར་འཛམ་བུ་གླིང་ས་ཆ་་གཞན་ལ་མེད་པའི་གཞི་རྒྱ་ཆེ་བའི་སྐྱེས་ཁམས་མ་ལག་དང་སྐྱེས་དངོས་རིགས་སྣ་ཚོགས་ཤིག་ཡོད། ས་གནས་འདིར་ས་གནས་གཞན་གང་ལ་མེད་པའི་རྩིས་ཤིང་སྣ་ཚོགས་དང་སེམས་ཅན་སྣ་ཚོགས་ཤིག་རྙེད་ཀྱི་ཡོད། ད་དུང་གནས་དེར་ས་ཁྱོན་གཞི་རྒྱ་ཆེན་པོ་ཞིག་ལ་ང་ཚོས་འཚོལ་ཞིབ་བྱེད་ཐུབ་ཀྱི་མེད་པས་ས་གནས་དེར་ད་དུང་སྐྱེ་དངོས་སེམས་ཅན་གཞན་དག་ག་རེ་ཡོད་པའམ་ཤེས་ཐུབ་ཀྱི་མེད། ས་གནས་དེར་ཡོད་པའི་སྐྱེ་དངོས་རིགས་ཁ་ཤས་ཤིག་སྟོང་འབྲུག་གི་སྔོན་ནས་འབྱུང་ཡོད་སྲིད་པའི་ཁུངས་དེད་ཆོག་པས་ས་གནས་འདི་ནི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ས་ཁོངས་གལ་ཆེན་ཞིག་ཆགས་ཡོད་ཅེས་གསུངས་འདུག 

ཨོ་སི་ཊོ་ལི་ཡའི་ནང་ད་དུང་ས་གནས་ཝལ་ཕོ་ལེ་ལྟར་བུའི་ས་རྒོད་དེ་གཞི་རྒྱ་ཆེ་བ་ཡོད་པས་ས་ས་གནས་དེ་ཚོའི་ནང་ང་ཚོས་ཤེས་རྟོགས་བྱ་རྒྱུ་མང་པོ་ཞིག་ལྷག་བསྡད་ཡོད། མི་མང་རྣམས་བྷོ་བྷི་ལི་ཛི་ bioblitz བྱེད་སྒོའི་ནང་མཉམ་ཞུགས་ཀྱིས། ཁོར་ཡུག་སྐོར་ཚན་རིག་དང་མཐུན་པའི་ཤེས་རྟོགས་ཡོང་ཐབས་བྱེད་དགོས་ཀྱི་ཡོད་པ་རེད།

ཡང་ཁོང་གིས་སྐྱེ་དངོས་ངོས་འཛིན་འཚོལ་ཞིབ་ BioBlitz ནི་ནུས་པ་ཆེན་པོ་ཡོད་པའི་བྱེད་སྒོ་ཞིག་ཡིན་ཞིང་། མི་རྣམས་ཕན་ཚུན་མཉམ་འབྲེལ་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྐོར་ཤེས་རྟོགས་སྔར་ལས་གོང་མཐོར་གཏོང་ཐབས་བྱ་རྒྱུ་དང་། དེའི་བརྒྱུད་ནས་སྐྱེས་ཁམས་ཁོར་ཡུག་བདག་ཉར་སྔར་ལས་ཇེ་ལེགས་སུ་གཏོང་ཐུབ་ཅེས་གསུངས་འདུག 

སྐྱེ་དངོས་ངོས་འཛིན་འཚོལ་ཞིབ་ BioBlitz བྱེད་སྒོ་དེའི་ནང་མི་སུ་ཞིག་ཡིན་རུང་མཉམ་ཞུགས་བྱེད་ཆོག་ལ། བྱེད་སྒོ་དེ་ས་གནས་ཀྱི་ཚོགས་སྡེ་དང་། ཁོར་ཡུག་སྲུང་སྐྱོང་བྱེད་མཁན། ས་གཞི་བདག་གཅེས་བྱེད་མཁན། ད་དུང་རང་བྱུང་ཐོན་ཁུང་དོ་དམ་ཚོགས་པ་སོགས་ཀྱིས་རྒྱུན་དུ་གོ་སྒྲིག་བྱེད་བཞིན་ཡོད། བྱེད་སྒོ་དེ་གོ་སྒྲིག་སྐབས་ས་ཁུལ་ངེས་ཅན་ཞིག་ལ་དུས་ཚོད་བཀོད་སྒྲིག་དང་། སྐྱེས་དངོས་སྐོར་ཡིག་ཆ་སོགས་གང་ཐུབ་བཀོད་སྒྲིག་བྱེད་ཀྱི་ཡོད།

བྱེད་སྒོ་དེའི་སྐབས་མཉམ་ཞུགས་བྱེད་མཁན་རྣམས་ལ་ལག་རྩལ་ལ་དཔག་པའི་བྱེད་སྒོ་འདྲ་མིན་ཡོད་ཅིང་། དེ་ཡང་ཚན་རིག་པ་དང་རྣམས་དང་མཉམ་དུ་ས་ཁུལ་འདྲ་མིན་ནང་ཐག་རིང་ཐུང་ཅི་རིགས་ནས་གོམ་བགྲོད་དང་། ཁྱེད་རང་ལ་དམིགས་བསལ་ཚན་རིག་དང་མཐུན་པའི་ལག་རྩལ་དེ་ཡང་དགོས་ཀྱི་མེད། ཁྱེད་རང་དང་མཉམ་དུ་ཡོད་པའི་ཚན་རིག་པ་ཚོས་བྱེད་སྒོ་ནང་ཞུགས་སྟངས་ཀྱི་གོ་རིམ་སོགས་མཛུབ་སྟོན་བྱེད་ཀྱི་ཡོད།  

Share
Published 8 October 2023 10:13pm
Source: SBS

Share this with family and friends


Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service