ཨོ་སི་ཊོ་ལི་ཡའི་མི་སེར་ཁག་ཅིག་གྷ་རྫ་ནས་ཐར་ཏེ་སིཌ་ནིང་ལ་འབྱོར་བ།

AUSTRALIANS GAZA ARRIVALS

Travelers embrace and speak to the media as Australian citizens and permanent residents arrive after fleeing war-torn Gaza at Sydney International Airport, Sydney, Sunday, November 5, 2023. Australians who fled Gaza last week have begun arriving home, as the government continues pressing for the release of 67 citizens still trapped in the war zone. (AAP Image/Jeremy Ng) NO ARCHIVING Source: AAP / JEREMY NG/AAPIMAGE

དབྱི་ཟི་རལ་དང་པཱ་ལེ་སི་ཐན་གཉིས་དབར་དམག་འཁྲུག་ཤོར་རྗེས་གྷ་རྫ་ནང་བདུན་ཕྲག་འགའ་ཤས་ལྷག་པའི་ཨོ་སི་ཊོ་ལི་ཡའི་མི་སེར་མང་པོ་ཞིག་ཕྱིར་ཨོ་སི་ཊོ་ལི་ཡར་འབྱོར་ཐུབ་པ་བྱུང་ཡོད་པ་རེད། དེ་དང་ཆབས་ཅིག་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཟུར་པ་སི་ཀོ་ཊི་མ་རེ་སོན་ Scott Morrison ཉེ་ཆར་དབྱི་ཟི་རལ་ལ་བསྐྱོད་ནས་དབྱི་ཟི་རལ་ལ་གདུང་སེམས་མཉམ་བསྐྱེད་ཡོད་པའི་རྣམ་པ་བསྟན་འདུག


མེ་འཕེན་མཚམས་འཇོག་དགོས་པའི་རྒྱལ་སྤྱིའི་གནོན་ཤུགས་ལ་དབྱི་ཟི་རལ་གྱིས་མོས་མཐུན་བྱས་མེད་པས་མ་ཚད། ད་ལྟའི་ཆར་དབྱི་ཟི་རལ་གྱིས་གྷ་རྫ་གྲོང་ཁྱེར་དེ་མཐའ་སྐོར་ནས་པཱ་ལེ་སི་ཐན་དེ་ས་ཁུལ་ཁག་གཉིས་ལ་དུམ་བུ་བཏང་ཡོད་པ་རེད།

ཨ་རིའི་རྒྱལ་དོན་དྲུང་ཆེ་ཨན་ཐོ་ནིང་བྷེན་ཁན་  Anthony Blinken གྱིས་མུ་མཐུད་དཀྱིལ་ཤར་ས་ཁུལ་ལ་ཕྱི་འབྲེལ་འཛུགས་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ད་ལྟའི་དབྱི་ཟི་རལ་དང་པཱ་ལེ་སི་ཐན་གཉིས་དབར་གྱི་ཛ་དྲག་གནས་ཚུལ་དེ་ཁྱིམ་མཚེས་རྒྱལ་ཁབ་ལེ་བྷ་ནོན་ལ་མཆེད་སྲིད་པའི་ཉེན་འཚབ་སླེབས་ཡོད། 

གྲོང་ཁྱེར་གྷ་རྫ་ནས་ཐོན་ཐུབ་པའི་ཨོ་སི་ཊོ་ལི་ཡའི་མི་སེར་ ༡༢ ཙམ་ཚོང་ལས་གནམ་གྲུར་ཞུགས་ཏེ་ཉེ་ཆར་ཕྱི་ཟླ་ ༡༡ ཚེས་ ༥ རེས་གཟའ་ཉི་མའི་ཉིན་ཨོ་སི་ཊོ་ལི་ཡའི་གྲིང་ཁྱེར་སིཌ་ནང་ལ་འབྱོར་ཡོད་པ་དང་། མ་ཚད་རེས་གཟའ་སྤེན་པའི་ཉིན་ཨོ་སི་ཊོ་ལི་ཡའི་ལྷོ་ཕྱོགས་མངའ་སྡེའི་རྒྱལ་ས་ Adelaide ལ་ནང་མི་ ༤ ཅན་ཞིག་དང་། ཡང་གྲོང་ཁྱེར་མེལ་བྷོན་ལ་ནང་མི་གསུམ་ཅན་ཞིག་འབྱོར་ཡོད་པ་རེད། 

ཕྱིར་ཨོ་སི་ཊོ་ལི་ཡར་འབྱོར་བའི་བཟའ་ཚང་ཞིག་གིས་བདུན་ཕྲག་འགའ་ཤས་རིང་ཧ་ཅང་དངངས་སྐྲག་འོག་ལ་སྡོད་དགོས་བྱུང་ཡང་ད་ནས་ཞེད་སྣང་བྱེད་མི་དགོས་པ་ཆགས་སོང་ཞེས་གསུངས་འདུག 

ང་ཚོ་བདུན་ཕྲག་གསུམ་ཙམ་གྱི་རིང་རྨི་ལམ་ནང་ལ་ཡང་དངངས་སྐྱེས་བྱུང་། སྐབས་དེར་ང་ཚོས་ལས་ཀ་བྱེད་ཐུབ་ཀྱི་མི་འདུག་ལ། ཁ་ལག་ཀྱང་བཟའ་ཐུབ་ཀྱི་མི་འདུག ང་ཚོ་ཕྱིར་ལ་ཡང་ཐོན་ཐུབ་ཀྱི་མི་འདུག ཨོ་སི་ཊོ་ལི་ཡ་གཞུང་དང་ཕྱི་འབྲེལ་ལྷན་ཁང་ནས་ང་ཚོར་རོགས་རམ་གནང་བྱུང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ཚད་གྲོས་ཚོགས་ནང་ཡོད་པའི་འཐུས་མི་ཁག་ཅིག་གིས་ཀྱང་།སདབྱི་ཟི་རལ་དང་། དབྱི་ཇིབ་གཞུང་སོགས་ལ་གྲོས་མོལ་གྱིས་ང་ཚོར་རྒྱབ་སྐྱོར་ཆེན་པོ་གནང་བྱུང་བས་ཁོང་ཚོ་ལའང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

བདུན་ཕྲག་སྔོན་མར་པཱ་ལེ་སི་ཐན་གྱི་གྲོང་ཁྱེར་རཱ་ཧྥ་བརྒྱུད་གྷ་རྫ་ནས་དབྱི་ཇིབ་ལ་འགྲོ་བསྐྱོད་ཆོག་པ་བྱུང་བའི་ཨོ་སི་ཊོ་ལི་ཡའི་མི་སེར་ ༢༥ ནང་མི་སེར་ ༡༩ ད་ཆ་ཨོ་སི་ཊོ་ལི་ཡར་འབྱོར་ཚར་ཡོད་པ་རེད།

ཨོ་སི་ཊོ་ལི་ཡ་དབུས་གཞུང་གིས་ད་ཆ་དམག་གིས་མཐའ་སྐོར་ཡོད་པའི་གྲོང་ཁྱེར་གྷ་རྫ་ནང་ད་དུང་ཡང་ཨོ་སི་ཊོ་ལི་ཡའི་མི་སེར་དང་། ཨོ་སི་ཊོ་ལི་ཡའི་ནང་གཏན་སྡོད་བྱེད་མཁན། ཁོང་ཚོའི་ནང་མི་སོགས་ཁྱོན་མི་གྲངས་ ༦༧ ཙམ་ལྷག་ཡོད་པ་དེ་དག་ལ་རོགས་རམ་བྱེད་མུས་ཡིན་སྐོར་བརྗོད་འདུག

ཕྱི་ཟླ་ ༡༠ པ་ཚེས་ ༧ ཉིན་ཧཱ་མ་སིས་དབྱི་ཟི་རལ་གྱི་ལྷོ་ཕྱོགས་ས་ཁུལ་ལ་དྲག་རྒོལ་བྱས་སྐབས་དབྱི་ཟི་རལ་གྱི་མི་མང་དཀྱུས་མ་ ༡༤༠༠ ཙམ་བསད་ཡོད་སྐོར་དབྱི་ཟི་རལ་གཞུང་གིས་འགྲེལ་བརྗོད་བྱས་ཡོད་པ་དང་། ཡང་ཧ་མ་སིའི་འཕྲོད་བསྟེན་བློན་ཆེན་གྱིས་དབྱི་ཟི་རལ་གྱིས་དུས་ཡུན་ཟླ་བ་གཅིག་མ་ཟིན་ཙམ་རིང་མེ་སྒྱོགས་འཕེན་ནས་ཁྱོན་པཱ་ལེ་སི་ཐན་གྱི་མི་གྲངས་ ༩༧༠༠ ཙམ་བསད་ཡོད་པ་དང་། དེའི་ནང་ཕྲུ་གུ་ ༤༠༠༠ ལས་མང་བ་བསད་ཡོད་སྐོར་བརྗོད་འདུག

ཨོ་སི་ཊོ་ལི་ཡར་ཕྱིར་འབྱོར་ནས་དེ་སྔོན་གྷ་རྫ་གྲོང་ཁྱེར་ནང་གི་གནས་སྟངས་དངོས་སུ་མཐོང་མཁན་ཚོས། ཨོ་སི་ཊོ་ལི་ཡ་གཞུང་གིས་དམག་འཁྲུག་འཚམས་འཇོག་ལ་རོགས་རམ་གང་ཐུབ་གནང་རྒྱུའི་རེ་སྐུལ་ཞུས་འདུག

ང་ཚོས་རེ་བ་ལ་གྷ་རྫ་ནང་གི་མེ་འཕེན་དེ་མྱུར་དུ་མཚམས་འཇོག་ཡོང་བའི་རེ་བ་རྒྱག་གི་ཡོད། གང་ཡིན་ཟེར་ན། མི་མང་པོ་ཞིག་རྒྱུ་མཚན་མེད་པ་འདས་གྲོངས་སུ་འགྲོ་བཞིན་ཡོད་པ་རེད། མི་རྣམས་ཀྱི་སོ་སོའི་ཕྲུ་གུ་དང་ནང་མི་ཁྱིམ་ཚང་མེད་པ་ཆགས་ནས་སྡུག་བསྔལ་མྱོངས་བཞིན་ཡོད་པ་རེད་ཅེས་གསུངས་འདུག

ཡིན་ན་ཡང་ཨོ་སི་ཊོ་ལི་ཡའི་སྲིད་བློན་ཟུར་པ་སི་ཀོ་ཊི་མོ་རེ་སོན་ Scott Morrison དབྱི་ཟི་རལ་ལ་གཟིགས་སྐོར་ཕྱིན་ནས་དབྱི་ཟི་རལ་ལ་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་པ་བསྟན་ཡོད་པ་དང་། དེ་དང་ཆབས་ཅིག་དེ་སྔོན་དབྱིན་ཡུལ་གྱི་སྲིད་བློན་ཟུར་པ་བྷོ་རེས་ཇོན་སོན་ Boris Johnson གྱིས་ཀྱང་ཁོང་གིས་མེ་འཕེན་མཚམས་འཇོག་དགོས་པའི་གནད་དོན་ལ་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་སྐོར་བརྗོད་ཡོད་པ་རེད།

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service