ཨོ་སི་ཁྲུ་ལི་ཡའི་ནང་རྒྱལ་སྤྱིའི་སློབ་ཕྲུག་གི་གྲངས་འབོར་གནད་དོན་ཐད་དཀའ་ངལ།

College students studying at computers in classroom

Labor plans to cap new foreign student commencements at 270,000 a year by giving each institution across the country their own cap as to how many students they could take. Credit: Hero Images

ཨོ་སི་ཁྲུ་ལི་ཡ་གཞུང་གིས་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་ཕྱི་རྒྱལ་གྱི་སློབ་ཕྲུག་གི་གྲངས་འབོར་ལ་ཚད་གཞི་གཏན་འབེབས་བྱེད་པའི་ཁྲིམས་ལུགས་ལ་རྒྱབ་སྐྱོར་མེད་པར་བཟོས་ཡོད།


Key Points
  • Around 970,000 international students are currently enrolled to study in Australia. Around 440,000 international students started their study this year alone.
  • Labor thinks that's too many - they had a plan to cap new commencements to 270,000 a year by giving each institution across the country their own cap as to how many students they could take.
  • The Coalition has stripped their support for Labor's plan to limit the foreign student numbers at Australian universities. Instead they vow to introduce their own legislation if they win the next election.
གཙོ་གནད་ཁག་ཅིག

· ད་ལྟ་ཨོ་སི་ཁྲུ་ལི་ཡར་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་སྤྱིའི་སློབ་ཕྲུག་ཁྲི་ ༩༧༠ ཙམ་ཟིན་གྱི་ཡོད་པ་དང་། ད་ལོ་གཅིག་པུར་རྒྱལ་སྤྱིའི་སློབ་མ་ཁྲི་ ༤༤༠ ཙམ་གྱིས་སློབ་སྦྱོང་བྱེད་འགོ་ཚུགས་ཡོད།

· ལས་བྱེད་ཚོས་སློབ་ཕྲུག་གི་གྲངས་འབོར་དེ་ཧ་ཅང་མང་པོ་རེད་བསམ་གྱི་ཡོད། ཁོང་ཚོས་ལོ་རེར་སློབ་མ་གསར་པ་འགོ་འཛུགས་བྱེད་མཁན་ཁྲི་ ༢༧༠ ལ་སླེབས་རྒྱུའི་འཆར་གཞི་ཡོད་ཅིང་། རྒྱལ་ཁབ་ཀྱིས་སློབ་གྲྭ་རེ་རེ་ལ་སློབ་ཕྲུག་ག་ཚོད་ལེན་ཐུབ་མིན་གྱི་ཚད་གཞི་རང་ཉིད་ཀྱི་གཏན་འབེབས་བྱེད་ཆོག་པར་བཟོས་ཡོད།

· མཉམ་འབྲེལ་ཚོགས་པས་ཨོ་སི་ཊོ་ལི་ཡའི་གཙུག་ལག་སློབ་གྲྭ་ཁག་ཏུ་ཕྱི་རྒྱལ་གྱི་སློབ་ཕྲུག་གི་གྲངས་འབོར་ཚད་བཀག་བྱེད་པའི་ལས་མིའི་འཆར་གཞི་ལ་རྒྱབ་སྐྱོར་མེད་པར་བཟོས་ཡོད། དེའི་ཚབ་ཏུ་ཁོང་ཚོས་འོས་བསྡུ་རྗེས་མར་རྒྱལ་ཁ་ཐོབ་ན་ཁོང་ཚོས་རང་ཉིད་ཀྱི་ཁྲིམས་འཛུགས་བྱེད་རྒྱུའི་ཁས་ལེན་བྱས་ཡོད།

སློབ་ཕྲུག་གི་གྲངས་འབོར་ལ་ཚད་གཞི་བཀག་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཀྱང་། ཕྱོགས་འགལ་ཚོགས་པས་ཁྲིམས་འཆར་དེ་ལ་རྒྱབ་སྐྱོར་བྱེད་ཀྱི་མིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
ཉེ་ཆར་ཨོ་སི་ཁྲུ་ལི་ཡ་གཞུང་གིས་ཨོ་སི་ཁྲུ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཏུ་རྒྱལ་སྤྱིའི་སློབ་ཕྲུག་གི་གྲངས་འབོར་ཁྲིམས་ལུགས་རྒྱབ་སྐྱོར་ཕྱིར་འཐེན་བྱས་པས། དེས་རྒྱལ་སྤྱིའི་སློབ་ཕྲུག་རྣམས་ལ་སེམས་ཁྲལ་འཕར་མ་བཟོས་ཡོད། 

ཨོ་སི་ཁྲུ་ལི་ཡ་གཞུང་གིས་རྒྱབ་སྐྱོར་ཕྱིར་འཐེན་བྱས་མིན་ལ་མ་བལྟོས་པར་ཕྱོགས་འགལ་ཚོགས་པས་ཁྲིམས་ལུགས་དེ་ཕྱིར་འཐེན་བྱ་རྒྱུ་མིན་པའི་གསལ་བསྒྲགས་དང་། དེས་ཡུལ་མི་གཞིས་སྤོའི་གྲངས་འབོར་དམིགས་ཚད་ཕྱིར་འགྱངས་ཆགས་ཀྱི་ཡོད་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།

ཧུ་རྫ་ཧྥ་ Huzaifa Nawaz ལགས་ནི་ད་ལྟ་ཀར་ཊིན་གཙུག་ལག་སློབ་གཉེར་ཁང་དུ་རྩིས་རིགས་སྐོར་གཙུག་ལག་ལོ་རིམ་གསུམ་པར་སློབ་སྦྱོང་བྱེད་བཞིན་ཡོད་པ་རེད།

ཁོང་གིས་སློབ་སྦྱོང་བྱེད་ས་ཁག་མང་པོ་ཞིག་གི་ནང་ཨོ་སི་ཁྲུ་ལི་ཡའི་གྲོང་ཁྱེར་ཕིར་ཐི་ Perth བདམས་དགོས་དོན་སྐོར་འགྲེལ་བརྗོད་གནང་དོན། 

ཁོང་གིས་ངས་སློབ་སྦྱོང་བྱེད་ས་དམིགས་བསལ་ཨོ་སི་ཁྲུ་ལི་ཡ་བདམས་དགོས་པའི་རྒྱུ་མཚན་མང་པོ་ཞིག་ཡོད་པ་རེད། གཅིག་ནི་བྷང་ལ་དྷེ་ཤི་དང་ཐག་རིང་པོ་དེ་ཙམ་མ་རེད་ལ་དུས་ཚོད་ཆུ་ཚོད་ཀྱང་ཕལ་ཆེར་འདྲ་པོ་ཡོད་པ་རེད། མ་ཚད་གནམ་གཤིས་ཀྱི་གནས་སྟངས་ཀྱང་བྷང་ལ་དྷེ་ཤི་དང་འདྲ་མཚུངས་ཡོད་པ་རེད། མ་ཚད་གཙུག་ལག་སློབ་གཉེར་ཁང་ཁག་གི་ཁྱད་ཆོས་གནས་བབས་ཀྱང་མཚུངས་བསྡུར་བྱས་པས། ཨོ་སི་ཁྲུ་ལི་ཡའི་གཙུག་ལག་སློབ་གཉེར་ཁང་ཁག་ཧ་ཅང་ཡག་པོ་ཡོད་པ་མཐོང་སོང་ཞེས་འགྲེལ་བརྗོད་གནང་འདུག

 ཧུ་རྫ་ཕི་ Huzaifa ལགས་ནི་ད་ལྟའི་ཆར་ཨོ་སི་ཁྲུ་ལི་ཡའི་ནང་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༩༩༧༠༠༠ ཙམ་ཡོད་པའི་ནང་སློབ་ཕྲུག་ཞིག་ཆགས་ཡོད།

 ཧ་ལམ་རྒྱལ་སྤྱིའི་སློབ་ཕྲུག་གྲངས་ ༤༤༠༠༠༠ ཙམ་འདི་ལོ་གཅིག་པུའི་ནང་སློབ་སྦྱོང་འགོ་འཛུགས་བྱས་ཡོད།

ངལ་རྩོལ་ཚོགས་པས་རྒྱལ་སྤྱིའི་སློབ་ཕྲུག་གི་གྲངས་འབོར་དེ་ནི་ཚད་ལས་བརྒལ་བ་མཐོང་གི་ཡོད་པ་དང་། ཁོང་ཚོས་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཡོངས་སུ་སློབ་སྦྱོང་ལྟེ་གནས་ཁག་ལ་སློབ་ཕྲུག་གྲངས་ ༢༧༠༠༠༠ ཙམ་ལ་གོ་སྐབས་སྤྲོད་ན་འོས་འཚམ་མཐོང་གི་ཡོད་འདུག

གཙུག་ལག་སློབ་གཉེར་ཁང་ལ་ཚད་གཞི་དེ་གང་ཡིན་པ་སྔོན་ནས་བཤད་ཟིན་ཡོད། ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་མདུན་དུ་ཡོད།

འོན་ཀྱང་སྐར་མ་མཐའ་མར་དེ་འགྱུར་བ་ཕྱིན་ཡོད།

ངོ་རྒོལ་ཚོགས་པའི་འགོ་ཁྲིད་པི་ཊར་ཌུ་ཊོན་གྱིས་ཁྲིམས་འཆར་དེས་གནད་དོན་དེ་ཐག་གཅོད་བྱེད་མི་ཐུབ་ཅེས་བརྗོད་ཡོད།

ཁོང་གིས་དེ་ནི་སྡེ་ཚན་གཞན་ཚང་མར་གོད་ཆག་ཅིག་ཡིན་པ་དང་། ང་ཚོས་ཁོང་ཚོས་བྱས་ཟིན་པའི་ལས་ཀའི་ཐོག་ལ་གཞུང་གིས་བཟོས་པའི་ལས་ཀའི་ཐོག་ལ་མགོ་རྙོག་ཆེན་པོ་བཟོ་བའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་ཅེས་བརྗོད་འདུག

མཉམ་འབྲེལ་གཞུང་གིས་ཡུལ་མི་གནས་སྤོ་བྱེད་པར་ཚད་བཀག་བྱེད་འདོད་ཡོད།

ཁོང་ཚོས་ཁྲིམས་འཆར་དེ་ཐག་རིང་པོ་འགྲོ་གི་མེད་ཅེས་བརྗོད་ཡོད། གལ་ཏེ་ཁོང་ཚོས་འོས་བསྡུ་རྗེས་མར་རྒྱལ་ཁ་ཐོབ་ན་སློབ་ཕྲུག་གི་གྲངས་འབོར་ཚད་གཞི་བཟོ་རྒྱུའི་ཁྲིམས་ལུགས་དེ་ངོ་སྤྲོད་བྱེད་རྒྱུའི་ཁས་ལེན་བྱས་ཡོད།

དེའི་དོན་ནི་ཟླ་དང་པོ་ནས་བཟུང་ལག་བསྟར་བྱེད་རྒྱུའི་ཚད་གཞི་དེ་ཉུང་མཐར་ཡང་ལོ་གཅིག་ཕྱིར་འགྱངས་བྱེད་རྒྱུ་ཡིན་པ་རེད། 

ཤེས་རིག་བློན་ཆེན་ཇེ་སོན་ཀ་ལེར་གྱིས་བྱ་སྤྱོད་དེ་ལ་སྐྱོན་བརྗོད་བྱས་ཏེ་ཁྲིམས་འཆར་དེས་དེ་སྔའི་གཞུང་ལ་ཁོང་ཚོས་བསམ་པའི་ཚད་གཞི་དེ་འོས་འཚམ་གྱི་གནས་ཚད་ལ་བསྒྱུར་ཆོག་ཅེས་བརྗོད་ཡོད།
ཁོང་གིས་གྲོས་ཚོགས་ཀྱི་ཁྲིམས་འཛུགས་ཀྱིས་གཞུང་ལ་ལོ་གང་རུང་ཞིག་གི་ནང་རྒྱལ་སྤྱིའི་སློབ་ཕྲུག་ཡོང་མཁན་གྱི་གྲངས་འབོར་ལ་ཚད་གཞི་གཏན་འབེབས་བྱེད་པའི་དབང་ཆ་སྤྲད་ཡོད། ད་ལྟ་འདི་ནི་པི་ཊར་ཌུ་ཊོན་གྱིས་ཁོ་རང་ལ་དགོས་ཞེས་བཤད་པ་དེ་རེད། ད་ལྟ་ཁོ་རང་གིས་དེ་ལ་ངོ་རྒོལ་བྱེད་ཀྱི་འདུག་ཅེས་བརྗོད་འདུག

ཕྱོགས་འགལ་ཚོགས་པའི་གནས་སྤོའི་མགྲིན་ཚབ་པ་ཌན་ཊེ་ཧན་གྱིས་མཉམ་འབྲེལ་གྱིས་གནས་སྤོའི་ཐད་ཀྱི་ལངས་ཕྱོགས་བསྒྱུར་ཡོད་ཅེས་ཁས་མ་བླངས་པ་རེད། 

དེ་ནས་བཟུང་སི་ཌི་ནི་ཞོགས་པའི་གསར་ཤོག་གིས་མཉམ་འབྲེལ་ཤེས་ཡོན་གྱི་མགྲིན་ཚབ་པ་ས་ར་ཧེན་ཌར་སན་གྱིས་ཁྲིམས་འཆར་དེ་བཀག་འགོག་མ་བྱས་པའི་ཟླ་བ་གཅིག་གི་སྔོན་ལ་གནས་སྤོ་བྱེད་མཁན་གྱི་ལས་བྱེད་པ་དང་སྒེར་གྱི་སློབ་ཆེན་ཁག་གི་བྱེད་སྒོ་ཞིག་གི་ཐོག་གསུང་བཤད་གནང་ཡོད་པའི་གནས་ཚུལ་སྤེལ་ཡོད།

ད་ལྟའི་གནས་སྟངས་ནི་བློན་ཆེན་གྱི་ལམ་སྟོན་ ༡༠༧ པ་ཡིན།

དེ་དུས་ཀྱི་ནང་སྲིད་བློན་ཆེན་ཀ་ལེར་ཨོ་ནེལ་གྱིས་འདས་པའི་ཟླ་བ་བཅུ་གཉིས་པའི་ནང་ངོ་སྤྲོད་བྱས་པ་དེས་སློབ་ཕྲུག་གི་སྐྱབས་བཅོལ་ལག་ཁྱེར་ཆོག་མཆན་གྱི་ཐག་གཅོད་ཀྱི་གཙོ་གནད་སྒྲོམ་གཞི་ཞིག་བསྐྲུན་ཡོད།

དེའི་དོན་ནི་གཙུག་ལག་སློབ་གྲྭ་ཡག་པོ་ལ་འགྲོ་འདོད་ཡོད་མཁན་དང་། སློབ་ཚན་གཅིག་ལས་མང་བ་སློབ་སྦྱོང་བྱེད་འདོད་ཡོད་མཁན། ཉེན་ཁ་ཆུང་བའི་རྒྱལ་ཁབ་ནས་ཡོང་མཁན་གྱི་སློབ་མ་ཚོར་སྐྱབས་བཅོལ་ལག་ཁྱེར་དེ་གཙོ་གནད་དུ་བཟུང་ཡོད།

ས་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་འབྲེལ་མཐུད་འགན་འཛིན་གཙོ་བོ་ཨ་ལེག་ཝེབ་ཀྱིས་དེས་ས་ཁུལ་གྱི་གཙུག་ལག་སློབ་གཉེར་ཁང་ལ་ཤུགས་རྐྱེན་ཐེབས་ཡོད་ཅེས་བརྗོད་ཡོད།

ཁོང་གིས་ས་ཁུལ་གྱི་གཙུག་ལག་སློབ་གྲྭ་ཁག་ལ་མཚོན་ན་བློན་ཆེན་གྱི་ལམ་སྟོན་ ༡༠༧ ཡིས་ཨོ་སི་ཁྲུ་ལི་ཡའི་ས་ཁུལ་ཁག་ཏུ་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་སྤྱིའི་སློབ་མའི་གྲངས་འབོར་ལ་ཤུགས་རྐྱེན་ཚབས་ཆེན་བཟོས་ཡོད། གལ་ཏེ་ཁྲིམས་འཆར་དེ་ཆ་འཇོག་མ་བྱས་ན། ཨོ་སི་ཁྲུ་ལི་ཡའི་གཙུག་ལག་སློབ་གྲྭ་ཁག་ལ་གཏན་འཁེལ་གང་དུ་ཡོད་དམ་ཞེས་གསུངས་འདུག

ཧུ་ཛའི་ཕ་ནཱ་ཝ་ཟི་ལ་མཚོན་ན་རྒྱལ་སྤྱིའི་སློབ་ཕྲུག་ཚོས་སྐྱོན་བརྗོད་མང་པོ་འཁུར་བཞིན་ཡོད་པའི་ཚོར་སྣང་བྱུང་ཡོད།
ཁོང་གིས་རྒྱལ་སྤྱིའི་སློབ་ཕྲུག་ཚོས་སེམས་ལ་དཀའ་ངལ་འཕར་མ་ལྟ་བུའི་ཚོར་བ་སླེབས་ཀྱི་ཡོད། ཁོང་ཚོས་དཔལ་འབྱོར་ལ་ཕན་ཐོགས་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། སློབ་ཡོན་སྤྲོད་པ་ནས་འཚོ་བའི་འགྲོ་སོང་བར་ང་ཚོས་ལོ་ལྟར་ཨ་སྒོར་དུང་ཕྱུར་དང་དུང་ཕྱུར་མང་པོ་ཕན་ཐོགས་ཆགས་ཀྱི་ཡོད་ཅེས་གསུངས་འདུག 

གཞུང་གིས་གནད་དོན་ཡར་རྒྱས་གཏོང་རྒྱུར་ཤུགས་སྣོན་རྒྱག་ན་ཡག་པོ་ཡོད།

ཨོ་སི་ཁྲུ་ལི་ཡ་རང་ཉིད་ཕྱི་རྒྱལ་དུ་ཤེས་ཡོན་སློབ་སྦྱོང་བྱེད་སའི་ས་ཁུལ་གཙོ་བོའི་གྲས་ཤིག་ཡིན་པ་ལྟ་བུ་རེད། འོན་ཀྱང་གལ་ཏེ་སློབ་ཕྲུག་གི་ཚད་གཞི་ཚད་བཀག་བྱེད་པར་གཙོ་བོར་བཏོན་པ་ལས་ཁང་པ་དང་ཞབས་ཞུ་དེ་འདྲ་འཕར་སྣོན་བྱེད་པར་དོ་སྣང་བྱེད་ན་དེའི་འགྲན་རྩོད་ཀྱི་ནུས་པ་ཤོར་རྒྱུ་རེད་ཅེས་གསུངས་འདུག

ཁོང་གིས་སློབ་ཕྲུག་ཚང་མ་མཉམ་དུ་ཨོ་སི་ཁྲུ་ལི་ཡར་ཡོང་རྒྱུ་བཀག་འགོག་བྱེད་ཐུབ་པའི་ཉེན་བརྡ་བཏང་ཡོད།

ཁྱེད་ཀྱི་སེམས་ལ་བསམ་བློ་དེ་བཙུགས་ཚར་རྗེས། ཨོ་སི་ཁྲུ་ལི་ཡས་ད་ལྟ་རྒྱལ་སྤྱིའི་སློབ་ཕྲུག་ལ་དགའ་བསུ་ཞུ་གི་མེད། དེར་བརྟེན་ངས་ཁེ་ན་ཌ་དང་། ནེའུ་ཛི་ལན། ཡང་ན་སློབ་སྦྱོང་བྱེད་སའི་ས་ཆ་གཞན་ཁག་ལ་སྙན་ཞུ་འབུལ་ཆོག་གི་རེད་ཅེས་གསུངས་འདུག

Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service