ཁེམ་བྷེལ་ཊོན་ས་གནས་བོད་མིས་བོད་ཀྱི་ལོ་གསར་སྲུང་བརྩི་གནང་བ།

Tibetan New Year 2024.jpg

ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡༠ ཉིན་ཨོ་སི་ཊོ་ལི་ཡའི་གྲོང་ཁྱེར་སིཌ་ནིང་གི་ནུབ་ཕྱོགས་སུ་གནས་ཡོད་པའི་ཁེམ་བྷེལ་ཊོན་ས་གནས་སུ་བོད་རྒྱལ་ལོ་ ༢༡༥༡ རབ་གནས་ཤིང་འབྲུག་ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་སྲུང་བརྩི་ཞུས།


ལོ་གསར་སྲུང་བརྩི་མཛད་སྒོ་ཐོག་དགེ་འདུན་པ་དང་ས་གནས་མི་མང་གིས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་། རྒྱལ་བའི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་བཀྲ་ཤིས་པའི་མཇལ་དར་བསྒྲོན་འབུལ་ཞུས།

མཛད་སྒོ་ཐོག་སྐུ་མགྲོན་གཙོ་བོར་ས་སྐྱ་ཐེག་པ་གླིང་ཆོས་ཚོགས་ཀྱི་སྤྲུལ་སྐུ་གདུང་རྒྱུད་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཆོས་དཔོན་ Bill Crews ས་གནས་ཉེན་རྟོག་ལྷན་ཁང་དང་སྤྱི་ཁྱབ་དམག་དཔོན་གྱི་སྐུ་ཚབ་ Taane Tuppola ས་གནས་སྤྱི་ཚོགས་ཞབས་ཞུ་ MDS ཚོགས་པའི་ལས་བྱེད་དང་བོད་མི་ཚོའི་ཡུན་རིང་གྲོགས་པོ་ Sana Al-Ahmar སོགས་སྐུ་མགྲོན་དང་ས་གནས་མི་མང་བཅས་ཁྱོན་མི་གྲངས་ ༡༥༠ ཙམ་མཉམ་ཞུགས་བྱས།


Share
Download our apps
SBS Audio
SBS On Demand

Listen to our podcasts
Independent news and stories connecting you to life in Australia and Tibetan-speaking Australians.
Ease into the English language and Australian culture. We make learning English convenient, fun and practical.
Get the latest with our exclusive in-language podcasts on your favourite podcast apps.

Watch on SBS
SBS World News

SBS World News

Take a global view with Australia's most comprehensive world news service